
Fundraiser for NHSS Staff
Tax deductible
Please Donate!
Namgyal Higher Secondary School, Gokarna, is in urgent need of financial assistance!
As you know, in order to prevent the spread of COVID-19 pandemic, the government of Nepal banned travel and ordered people to stay at home for more than five months. Complying with this enforcement, Namgyal Higher Secondary School has remained closed for more than five months without collecting tuition fees from its pupils.
However, the staff salaries had to be paid in full, causing a total depletion of the school’s meager financial resources. The school is now struggling to pay staff salaries and bear daily administrative expenses. With a hope of overcoming the current financial challenges, the school Principal- Mr. Norbu Tsering La, has sent appeal letters to the alumni associations requesting for financial contributions at this time of difficulty. As such, it is our humble request to all our alumni members to donate as much as you can to help our beloved alma mater. Please note that you will receive a personalized email acknowledging your donation.
Thank you!
ཞལ་འདེབས་གནང་རོགས།
བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ལ་དཔལ་འབྱོར་གྱི་རོགས་རམ་མཁོ།
མཁྱེན་གསལ་ལྟར། བལ་ཡུལ་དབུས་གཞུང་ནས་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་སྔོན་འགོག་གི་ཆེད་རྒྱལ་ས་ཀཋ་མཎ་གྲུ་མངའ་སྡེའི་ནང་ཟླ་བ་ལྔ་ལྷག་གི་རིང་འགྲོ་བསྐྱོད་བཀག་སྡོམ་དང་ཁྱིམ་སྡོད་བཀའ་རྒྱ་བཏང་བས་ཡུལ་མི་རྣམས་སྒོ་རྒྱ་བསྡམས་ཏེ་སྡོད་དགོས་བྱུང་ཡོད། ནད་ཡམས་དེའི་རྐྱེན་གྱིས་རང་རེའི་རྣམ་རྒྱལ་མཐོ་སློབ་ཀྱང་ཟླ་བ་ལྔའི་རིང་སྒོ་རྒྱག་དགོས་བྱུང་ཞིང་། སྤྱིར་སློབ་གྲྭའི་མ་དངུལ་ཞན་པའི་ཁར་སློབ་གྲྭའི་ཡོང་འབབ་ཀྱི་འབྱུང་ཁུངས་གཅིག་པུ་སློབ་ཕྲུག་གི་སློབ་ཡོན་ཡིན་པ་དེའང་ཟླ་བ་ལྔའི་རིང་བསྡུ་རྒྱུ་མེད་པར་སོང་རྐྱེན་ད་ཆ་འཛིན་སྐྱོང་གི་རྒྱུན་གྲོན་དང་དགེ་རྒན་ལས་བྱེད་ཚོར་གསོལ་ཕོགས་འབུལ་རྒྱུའི་དཀའ་ངལ་འཕྲད་བཞིན་པར་སློབ་སྤྱི་སྐུ་ཞབས་ནོར་བུ་ཚེ་རིང་ལགས་ཀྱིས་འབོད་བསྐུལ་ཐོག་ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པས་སློབ་གྲྭ་སྤྱི་ལ་ཐུགས་ཕན་གསོ་བའི་རེ་བ་བཅངས་ནས་དྲ་ལམ་བརྒྱུད་དེ་སློབ་ཟུར་ནང་ཁུལ་ནས་ཞལ་འདེབས་བསྡུ་རུབ་ཀྱི་ལས་འགུལ་འདི་སྤེལ་བ་ཡིན། སྐབས་འདིར་ས་ཕྱོགས་གང་སར་བཞུགས་པའི་མཛའ་བརྩེ་ལྡན་པའི་སློབ་ཟུར་གྲོགས་པོ་གྲོགས་མོ་ཚོས་རང་ཉིད་ཆུང་དུས་འཚར་ལོངས་དང་ཤེས་ཡོན་རྒྱུན་འཁྱོངས་བྱེད་སའི་ལྟེ་གནས་བལ་ཡུལ་གོ་ཀརྞ་རྣམ་རྒྱལ་མཐོ་སློབ་ལ་དཔལ་འབྱོར་གྱི་རོགས་སྐྱོར་བསྒྲུབ་ཆེད་དུ་ཞལ་འདེབས་གང་མང་གནང་བའི་རེ་སྐུལ་ཞུ་ཡི་ཡོད། ང་ཚོར་ཞལ་འདེབས་འབྱོར་མ་ཐག་མྱུར་འཕྲིན་བརྒྱུད་དེ་བྱུང་འཛིན་རེ་བསྐུར་རྒྱུ་ཡིན་པའང་ཐུགས་འཇགས་འཚལ། ཨ་རི་རྣམ་རྒྱལ་སློབ་ཟུར་ཚོགས་པའི་རྒྱུན་ལས་ཐུན་མོང་ནས།།
Organizer
Phuntsok Tashi
Organizer
New York, NY
Namgyal Alumni Association Inc. USA
Beneficiary